ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་། PDF Print E-mail

ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་།

༄༅།། ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་ཞེས་པའི་ཆོས་ཚོགས་འདི་ནི། བོད་རྒྱལ་ལོ། ༢༡༣༤ ཕྱི་ལོ། ༢༠༠༧ ཟླ་ལྔ་བའི་ནང་ཇོ་ནང་མཁན་པོ་ངག་དབང་རྡོ་རྗེས་གསར་དུ་ཕྱག་བཏབ་ཅིང་། ནང་བསྟན་གྲུབ་མཐའ་རིས་མེད་དང་། བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་སློབ་ཁྲིད་བྱེད་སའི་ལྟེ་གནས་ཤིག་ཡིན།
ཁོང་གིས་ཆོས་ཚོགས་འདི་ཕྱག་འདེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ས་གནས་བོད་རིགས་བྱིས་པ་རྣམས་ལ་བོད་རང་གི་སྐད་ཡིག་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་སོགས་སློབ་འཁྲིད་བྱེད་ཆེད་དང་། ས་གནས་བོད་རིགས་རྣམས་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་ལ་འདུ་འཛོམས་བྱེད་རྒྱུར་སྟབས་བདེ་ཡོང་སླད་གཙོ་བོར་དམིགས་པ་ཞིག་ཡིན་མོད། ཨ་རིའི་ཡུལ་མི་དང་། གཞན་ཕྱི་ནང་མི་རིགས་སུ་ཡིན་ཀྱང་། བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གནས་བཅས་ལ་དོ་སྣང་དང་ཤེས་འདོད་ཡོད་རིགས་ཁག་ལ། དེ་ལུགས་ལྟར་དགའ་བསུ་དང་བཅས་སློབ་འཁྲིད་ཞབས་ཞུ་བྱེད་ཡུལ་གཙོ་བོ་ཞིག་དང་། གསལ་བོར་ཤོད་འདོད་པ་ཞིག་ལ། ཆོས་ཚོགས་འདི་ནི་ཁེ་བཟང་དང་དཔལ་འབྱོར་འདུ་འགོད་ཀྱི་དམིགས་ཡུལ་གཞར་ཡང་མེད་པའི་སྒྲིག་འཛུག་ཆུང་ཆུང་ཞིག་ཡིན་ཅིང་། གནས་ཡུལ་ཨ་རིའི་གཞུང་ལ་ཁེ་མེད་ཆོས་ཚོགས་ཀྱི་ངོ་བོར་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཨང་གྲངས་ ༥༠༡༼c༽༣ ཡིན་ནོ༎