༄༅།།   ༧གོང་ས་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ།

༄༅།།   བོད་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད།   འཛམ་གླིང་ཞི་བདེའི་དེད་དཔོན།   ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ།     ཐམས་ཅད་མཁྱེན་ཅིང་གཟིགས་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ།   སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གིས་དགུང་གྲངས་བདུན་ཅུ་དོན་གསུམ་བཞེས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ།

བོད་རྒྱལ་ལོ།    ༢༡༣༥  ཕྱི་ལོ་  ༢༠༠༨  ཟླ་  ༧  ཚེས་  ༦  རེས་གཟའ་ཉི་མའི་ཉིན།    བོད་ཀྱི་ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་དུ་དགྱེས་འཛོམས་གནང་གཏན་ཁེལ་བ་ལགས་ན།    མགོན་པོ་གང་ཉིད་ཀྱི་བྱམས་བརྩེའི་འོད་སྣང་དཀར་པོའི་གུར་ཁྱིམ་དུ་འཚོ་བའི་ས་གནས་བོད་རིགས་རྣམས་དང་།    འབྲེལ་ཡོད་དད་ལྡན་ཁག་གཤམ་གསལ་དུས་ཐོག་ཏུ་ངེས་ཕེབས་ཡོང་བར་དགའ་བསུ་ཞུ།

 

ཟླ་ཚེས། 

   ཕྱི་ལོ།  ༢༠༠༨   ཟླ་  ༧  ཚེས།   ༦   རེས་གཟའ་ཉི་མ།

དུས་ཚོད།    སྔ་དྲོའི་ཆུ་ཚོད།    ༡༠  

ས་གནས།    བོད་ཀྱི་ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་།

1889 Fiddle Stick Lane
Charlottesville, Virginia 22903 USA

མཛད་རིམ།

ཆུ་ཚོད།   ༡༠   ཐོག་གཙུག་ལག་ཁང་གི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་།    ལྷ་བསང་།    སྐུའི་རླུང་ཁམས་དང་མཐུན་པའི་རླུང་རྟའི་དར་ཅོག་དམར་པོ་མཁའ་དབྱིངས་སུ་བསྒྲེང་རྒྱུ།

ཆུ་ཚོད།    ༡༠  དང་།  སྐར་མ།   ༤༥   ཐོག་གཙུག་ལག་ཁང་དུ་ཕེབས་ནས་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཞིང་གྲལ་དུ་འཁོད་རྒྱུ།

ཆུ་ཚོད།    ༡༡   ཐོག་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་སོགས་ཞབས་རིམ་ཁག་གསུང་བཞིན་རྟེན་འབྲེལ་འབྲས་སིལ་དང་།     གསོལ་ཇ་འདེགས་འབུལ།

ཆུ་ཚོད།    ༡༢  ཐོག་ཉིན་གུང་གསོལ་ཚིགས།

ཆུ་ཚོད།    ༢ ཐོག་༧གོང་ས་མཆོག་གི་མཛད་རྣམ་སོགས་འབྲེལ་ཡོད་གློག་བརྙན་ཁག་ཅིག་གཟིགས་འབུལ་དང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་མཇུག་རྫོགས་རྒྱུ།

 

༄༅།།   ཀུན་ཁྱབ་བྱམས་བརྩེ་ཞི་བདེའི་སྤོབས་པ་མཐོ།།

འཛམ་གླིང་གངས་དཀར་ལྷུན་པོའི་རྩེ་རུ་འགྱིང་།།

རིས་མེད་རི་སྐྱེས་ནོར་འཛིན་སྐྱོང་བའི་མགོན།།

༧རྒྱལ་མཆོག་གངས་སེང་དཀར་མོ་རྟག་ཏུ་རྒྱལ།།